top of page
jamyangDorjey.jpg
སློབ་དགེ་འཇམ་དབྱངས་རྡོ་རྗེ། (ཀ)

སློབ་དགེ་འཇམ་དབྱངས་རྡོ་རྗེ་(ཀ) ནི། ༢༠༡༢ ལོར་ས་སྐྱ་མཐོ་སློབ་དུ་འཛུལ་ཞུགས་གནང་། བཀའ་བཅུ་པ་དང་སློབ་དཔོན་གྱི་སློབ་མཐར་སོན། ད་ལྟ་མཐོ་སློབ་ཏུ་དགེ་རྒན་གནང་མུས་སོ།།

Nima kalsang.jpg
སློབ་སྤྱི་གཞོན་པ་ཉི་མ་སྐལ་བཟང་།

སློབ་དགེ་ཉི་མ་སྐལ་བཟང་ནི། ༢༠༠༦ ལོར་ས་སྐྱ་མཐོ་སློབ་ཏུ་འཛུལ་ཞུགས་གནང། བཀའ་བཅུ་པ་དང་སློབ་དཔོན་གྱི་སློབ་མཐར་སོན། མཐོ་སློབ་ཏུ་རིག་གནས་ཀྱི་དགེ་རྒན་ལོ་མང་གནང་ནས། ད་ལྟ་ས་ཆེན་སློབ་གྲྭར་སློབ་སྤྱི་གཞོན་པའི་ཕྱག་ལས་གནང་བཞིན་པའོ།།

Thinley wangchuk.jpg
སློབ་དགེ་འཕྲིན་ལས་དབང་ཕྱུག

སློབ་དགེ་འཕྲིན་ལས་དབང་ཕྱུག་ནི། ༢༠༠༤ ལོར་ས་སྐྱ་མཐོ་སློབ་ཏུ་འཛུལ་ཞུགས་གནང། བཀའ་བཅུ་པ་དང་སློབ་དཔོན་གྱི་སློབ་མཐར་སོན། ཝཱ་རཱ་ཎ་སིར་རིག་གནས་ལ་ཆེད་སྦྱོང་མཛད། ད་ལྟ་མཐོ་སློབ་ཀྱི་ཡན་ལག་ས་ཆེན་སློབ་གྲྭར་སློབ་དགེ་གནང་མུས་སོ།།

Wangdu.jpg
སློབ་དགེ་དབང་འདུས་སྐལ་བཟང་།

སློབ་དགེ་དབང་འདུས་སྐལ་བཟང་ནི། ༢༠༡༢ ལོར་ས་སྐྱ་མཐོ་སློབ་ཏུ་འཛུལ་ཞུགས་གནང་། བཀའ་བཅུ་པའི་སློབ་མཐར་སོན། ད་ལྟ་ས་ཆེན་སློབ་གྲྭར་སློབ་དགེ་གནང་མུས་སོ།།

Kunchok Dolma.jpg
རྒན་དཀོན་མཆོག་སྒྲོལ་མ།
nyima dolma.jpg
རྒན་ཉི་མ་སྒྲོལ་མ།
Sushimta Tamang.jpg
རྒན་སུཤ་མི་ཏ།

རྒན་དཀོན་མཆོག་སྒྲོལ་མ་ནི། མཱ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་དམའ་རིམ་སློབ་གྲྭ་དང་ཆེད་རིམ་སློབ་གྲྭའི་སློབ་མཐར་སོན། དེ་ནས་རྒྱ་གར་ལྷོ་ཕྱོགས་བེང་ག་ལོར་གཙུག་ལག་སློབ་གྲྭ་ (Bangalore University) ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན་ཅིང། ཨུ་ཏར་ཁནཌ་མངའ་སྡེའི་ཁོངས་ཀྱི་ཨེཅ་ཨན་བི་གྷར་ཝཱལ་གཙུག་ལག་སློབ་གྲྭ་ (H.N.B Garhwal University) ནས་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན། ད་ལྟ་ས་ཆེན་སློབ་གྲྭར་དགེ་རྒན་བྱེད་བཞིན་པའོ།།

རྒན་ཉི་མ་སྒྲོལ་མ་ནི། དྷེ་ར་དཱུན་མངའ་སྡེའི་ཁོངས་ཀྱི་ཌི་བི་ཨེས་མཐོ་རིམ་སློབ་གྲྭ་ (DBS College) ནས་ཚན་རིག་གི་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན། ཕྱི་ལོ་༢༠༡༧ ལོ་ནས་བཟུང་ད་བར་ས་ཆེན་སློབ་གྲྭར་དགེ་རྒན་གནང་མུས་སོ།།

རྒན་སུཤ་མི་ཏ་ནི། བྷ་གཏ་རམ་བྷིདྱ་པིཌ་ནས་འཛིན་གྲྭ་བཅུ་པ་དང་། ག་ནེཤ་བྷིདྱ་ལྱ་ནས་འཛིན་གྲྭ་བཅུ་གཉིས་པ་མཐར་སོན། དེ་ནས་བྱང་བེང་གཱལ་གཙུག་ལག་སློབ་གྲྭ་ (North Bengal University) ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན་ཅིང་། ཨཱིན་དི་ར་གྷན་དི་གཙུག་ལག་སློབ་གྲྭ་ (Indira Gandhi National Open University) ནས་ཚོང་ལས་ཀྱི་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན། ད་ལྟ་ས་ཆེན་སློབ་གྲྭར་དགེ་རྒན་བྱེད་བཞིན་པའོ།།

Kalsangdolker.jpg
རྒན་སྐལ་བཟང་སྒྲོལ་དཀར།

རྒན་སྐལ་བཟང་སྒྲོལ་དཀར་ནི། མཱ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་དམའ་རིམ་སློབ་གྲྭ་དང་ཆེད་རིམ་སློབ་གྲྭའི་སློབ་མཐར་སོན། དེ་ནས་རྒྱ་གར་ལྷོ་ཕྱོགས་མཱང་ག་ལོར་ཁོངས་ཀྱི་ཨེན་ཨཻ་ཊི་ཊི་ཨི་གཙུག་ལག་སློབ་གྲྭ་ (NITTE University) ནས་སྨན་ཞབས་སྤྱིའི་སློབ་མཐར་སོན། ད་ལྟ་ས་ཆེན་སློབ་གྲྭར་དགེ་རྒན་བྱེད་བཞིན་པའོ།།

bottom of page