top of page
Kalsang.jpg
མཁན་པོ་འཇམ་དབྱངས་སྐལ་བཟང་།

མཁན་པོ་འཇམ་དབྱངས་སྐལ་བཟང་མཆོག་ནི། སྤྱི་ལོ་༡༩༩༣ ལོ་ངོར་གྱི་གདན་ས་ཆེན་མོ་ངོར་ཨེ་ཝྃ་ཆོས་ལྡན་དུ་འཛུལ་ཞུགས་བྱས་ཏེ་རང་ལུགས་ཀྱི་ཆོ་ག་ཕྱག་ལས་རྣམས་སྦྱངས་པར་མཛད། སྤྱི་ལོ་༡༩༩༨ ལོར་དཔལ་སྐྱའི་མཐོ་རིམ་སློབ་གྲྭ་ཆེན་མོར་ཞུགས་ཤིང་དགེ་བའི་བཤེས་གཉེན་ཆེན་པོ་མཁན་པོ་མིག་དམར་ཚེ་རིང་མཆོག་དང་མཁན་ཆེན་བསོད་ནམས་རྒྱ་མཚོ། མཁན་པོ་འཇམ་དབྱངས་དཔལ་འབྱོར། རྒན་ངག་དབང་བཟོད་པ་སོགས་ཀྱི་ཞབས་ལ་བཏུད་དེ་བགྲང་བྱ་བཅུ་དྲུག་ཙམ་གྱི་རིང་མདོ་སྔགས་རིག་གནས་དང་བཅས་པ་ལ་སྦྱངས་པ་མཛད། ༢༠༠༦ ལོ་ནས་བཟུང་གདན་ས་འདི་ཉིད་དུ་སྐྱོར་དཔོན་དང་དགེ་རྒན་མཁན་པོ་སོགས་ཀྱི་མཚན་གནས་རིམ་པར་བཞེས་ཏེ་ད་ལྟ་ཆོས་གྲྭ་ཆེན་མོ་འདི་ཉིད་དུ་དཔེ་འཁྲིད་མཁན་པོ་མཛད་བཞིན་པ་ལགས་སོ།།

Khenpo_thuptenA.jpg
མཁན་པོ་ཐུབ་བསྟན་རབ་གསལ།

མཁན་པོ་ཐུབ་བསྟན་རབ་གསལ་མཆོག་ནི། ཁམས་ནང་ཆེན་ཁུལ་དུ་འཁྲུངས། དགུང་ན་ལོ་བཅོ་ལྔའི་ཐོག་རེ་བླ་དགོན་པར་ཞུགས་ཏེ་ཆོ་ག་ཕྱག་ལེན་ལ་སྦྱངས་། ༡༩༩༨ ལོར་རྒྱ་གར་དུ་འབྱོར་ཏེ་ས་སྐྱ་ཆོས་སྒར་དུ་སླར་ཆོ་ག་ཕྱག་ལེན་དང་བརྡ་སྤྲོད་སོགས་ལ་སྦྱངས། ༡༩༩༩ ལོར་ས་སྐྱ་མཐོ་སློབ་ཏུ་ཞུགས་ཤིང་། མཁན་ཆེན་བདེ་བར་གཤེགས་པ་ཨ་པད་རིན་པོ་ཆེ་དང་ཀུན་དགའ་དབང་ཕྱུག་རྣམ་གཉིས་ཀྱིས་དབུས། སྨྲ་བའི་དབང་པོ་མཁན་ཆེན་བསོད་ནམས་རྒྱ་མཚོ། མཁན་པོ་འཇམ་དབྱངས་དཔལ་འབྱོར་སོགས་ནས་མདོ་ཕྱོགས་གཙོ་བོར་བྱས་པའི་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་མཐར་ཕྱིན་མཛད། ཕྱི་ལོ་ ༢༠༠༦ ལོར་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ནས་ཐད་དཀར་སྐྱོར་དཔོན་དུ་བསྐོ་བཞག་མཛད། ༢༠༠༧ ལོར་བཀའ་བཅུ་པ་དང་། ༢༠༠༩ ལོར་སློབ་དཔོན་གྱི་སློབ་མཐར་རྩེར་སོན། ༢༠༡༣ ལོར་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག  ས་སྐྱ་མཐོ་སློབ་ཀྱི་མཁན་པོར་ཁྲི་འདོན་རྒྱས་པ་གནང་བ་བཞིན་ད་བར་མཐོ་སློབ་རང་དུ་སློབ་ཁྲིད་བྱེད་མུས་ཡིན་ནོ།།

dagpo.jpg
མཁན་སྤྲུལ་དྭགས་པོ་ཞབས་དྲུང་རིན་པོ་ཆེ།

མཁན་པོ་དྭགས་པོ་ཞབས་དྲུང་རིན་པོ་ཆེ་མཆོག་ནི། སྤྱི་ལོ་༡༩༨༩ ལོར་རྒྱ་གར་འབྲས་མོ་ལྗོངས་སུ་སྐུ་འཁུངས། སྤྱི་ལོ་ ༡༩༩༤ ལོར་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་རིན་པོ་འདི་ཉིད་གསང་ཕུ་གླིང་སྟོད་ཆོས་རྗེ༧ཞབས་དྲུང་སྐལ་བཟང་རྒྱལ་མཚན་གྱི་སྐུ་སྐྱེར་ངོས་འཛིན་འཁྲུལ་བྲལ་གནང་། སྤྱི་ལོ་༢༠༠༣ ལོར་འདི་ག་དཔལ་ས་སྐྱའི་མཐོ་སློབ་ཏུ་སློབ་ཞུགས་གནང་སྟེ། བཀའ་བཅུ་པ་ལོ་བརྒྱད་དང་། སློབ་དཔོན་ལོ་ངོ་གཉིས་དེ་མི་ལོ་བཅུའི་རིང་བཀའ་དྲིན་མཚུངས་མེད་མཁན་ཆེན་བསོད་ནམས་རྒྱ་མཚོས་དབུས་པའི་དགེ་བའི་བཤེས་གཉེན་མཁན་རིན་པོ་ཆེ་རྣམ་པའི་དྲུང་ནས་མདོ་སྐོར་གསན། ས་སྐྱ་མཐོ་སློབ་ཏུ་ལོ་ངོ་གཉིས་རིང་སྐྱོར་དཔོན་དང་། སྤྱི་ལོ་༢༠༡༣ ལོར་འདི་ག་ས་སྐྱ་མཐོ་སློབ་རང་དུ་དགེ་རྒན་གྱི་འགན་བཞེས། ཕྱི་ལོ་༢༠༡༨ ལོར་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་ཞེ་གཉིས་པ་མཆོག་དབུ་བཞུགས་ཐོག་སྐྱབས་མཆོག་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེས་དབུས་དཔལ་ལྡན་ས་སྐྱ་པའི་བླ་ཆེན་མི་ཆེན་མང་པོ་ཞལ་འཛོམས་པའི་དབུས་སུ་བཤད་གྲྭ་འདི་གའི་མཁན་པོར་མངལ་གསོལ་ཞུས་པ་བཞིན་ད་ལྟ་ཡང་འདི་གར་ཆོས་ཁྲིད་གནང་མུས་སོ།།

a.jpg
མཁན་པོ་འཇམ་དབྱངས་བཟོད་པ། 

མཁན་པོ་འཇམ་དབྱངས་བཟོད་པ་མཆོག་ནི། ཁམས་ནང་ཆེན་དུ་འཁྲུངས། ཐོག་མར་བེའུ་རུ་དགོན་དུ་ཆོས་ཞུགས་གནང། ཕྱི་ལོ་ ༢༠༠༤ ལོར་ས་སྐྱའི་མཐོ་སློབ་ཏུ་འཛུལ་ཞུགས་བྱས་ཏེ། བཤེས་གཉེན་དམ་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་གིས་གཙོས་མཁན་རིན་པོ་ཆེ་རྣམ་པའི་དྲུང་ནས་གྲགས་ཆེན་བཅོ་བརྒྱད་ལ་སློབ་གཉེར་བགྱིས་ཏེ་བཀའ་བཅུ་པ་དང་སློབ་དཔོན་མཐར་ཕྱིན། དེ་ནས་ཐེག་པ་རིམ་འཛེགས་ཀྱིས་སྐྱོར་དཔོན་ལོ་གསུམ་དང། དགེ་རྒན་ལོ་ལྔ་གནང་། ས་ཆེན་སློབ་གྲྭར་སློབ་སྤྱི་ཡང་མཛད། མཐོ་སློབ་ཀྱི་མཁན་པོའི་མཚན་གནས་བཞེས་ཏེ་ད་ཆར་དཔེ་ཁྲིད་གནང་མུས་བཅས་སོ།།

Kunga.jpg
མཁན་པོ་ཀུན་དགའ་ཚེ་རིང་།

མཁན་པོ་ཀུན་དགའ་ཚེ་རིང་མཆོག་ནི། ཕྱི་ལོ་༡༩༨༡ ལོར་མི་ཉག་སྐྱ་ཀེར་རུ་འཁྲུངས། ཕྱི་ལོ་༡༩༩༧ མི་ཉག་རི་ཁུད་དགོན་དུ་ཆོས་ཞུགས་གནང་ཏེ་དགོན་པའི་འདོན་ཆོག་གི་རིམ་པ་རྣམས་བསླབས། ཕྱི་ལོ་ ༢༠༠༤ ལོར་དཔལ་ས་སྐྱ་མཐོ་སློབ་ཏུ་འཛུལ་ཞུགས་གནང་ཏེ། མཚུངས་མེད་མཁན་རིན་པོ་ཆེ་བསོད་ནམས་རྒྱ་མཚོ་མཆོག་གི་དབུས་མཐོ་སློབ་ཀྱི་མཁན་པོ་རྣམ་པའི་དྲུང་ནས་མདོ་ཕྱོགས་ལ་དཔྱིས་ཕྱིན་པར་སྦྱངས། ཕྱི་ལོ་ ༢༠༡༤ ལོར་སྐབས་བཅུ་པ་དང་ཕྱི་ལོ་ ༢༠༡༦ ལོར་སློབ་དཔོན་གྱི་བསླབ་པའི་རྩེར་སོན། ཕྱི་ལོ་ ༢༠༡༤ ལོར་སྐྱོར་དཔོན་བསྐོ་བཞག་གནང་བ་ལྟར་སྐྱོར་དཔོན་ལོ་གཅིག་དང། སྔ་ཕྱིར་རིག་གནས་དང་དཔེ་ཁྲིད་དགེ་རྒན་ལོ་བཞི་གནང། ས་ཆེན་སློབ་གྲྭར་སློབ་སྤྱི་ཡང་མཛད། ཕྱི་ལོ་ ༢༠༢༠ ལོར་མཁན་པོའི་མཚན་གནས་བཞེས་ཏེ་མཁན་པོའི་འགན་ཁུར་མུས་བཅས་སོ།།

jadral.jpg
མཁན་སྤྲུལ་བྱ་བྲལ་བསམ་གཏན་མགོན་པོ།

མཁན་སྤྲུལ་བྱ་བྲལ་བསམ་གཏན་མགོན་པོ་མཆོག་ནི། ༢༠༠༦ ལོར་ས་སྐྱ་མཐོ་སློབ་ཏུ་འཛུལ་ཞུགས་གནང། བཀའ་བཅུ་པ་དང་སློབ་དཔོན་གྱི་སློབ་མཐར་སོན། མཐོ་སློབ་ཀྱི་སྐུ་ཚབ་ཐོག་སྨོན་ལམ་ཚིག་མཛོད་ཀྱི་རྩོམ་སྒྲིག་པ་མཛད། ད་ལྟ་མཐོ་སློབ་ཏུ་སློབ་དགེ་གནང་མུས་སོ།།

karma.jpg
མཁན་པོ་ཀརྨ་ཉི་མ།

མཁན་པོ་ཀརྨ་ཉི་མ་མཆོག་ནི། ༢༠༠༨ ལོར་ས་སྐྱ་མཐོ་སློབ་ཏུ་འཛུལ་ཞུགས་གནང་། བཀའ་བཅུ་པ་དང་སློབ་དཔོན་གྱི་སློབ་མཐར་སོན། ད་ལྟ་མཐོ་སློབ་ཏུ་སློབ་དགེ་གནང་མུས་སོ།།

zhiwa.jpg
མཁན་སྤྲུལ་ཞི་བ་རིན་པོ་ཆེ།

མཁན་སྤྲུལ་ཞི་བ་རིན་པོ་ཆེ་མཆོག་ནི། སྤྱི་ལོ་༡༩༨༢ ལོར་ཁམས་ལི་ཐང་ཉག་ཆུ་རྫོང་སེང་གེའི་གྲོང་དུ་སྐྱེས། དེ་ནས་དགུང་ལོ་བཅུ་གཉིས་ཐོག་དཔལ་ས་སྐྱའི་ཆོས་བརྒྱུད་ཁམས་ལི་ཐང་དཔལ་ལྡན་ཞི་བ་དགོན་པར་ཆོས་ཞུགས་བགྱིས་ཏེ་འདོན་རྟ་དབྱངས་དང་ཆོ་ག་ཕྱག་ལེན། ཐིག་རྡུལ་ཚོན་དང་འཆམ་རོལ་མོ་སོགས་བསླབས་པ་མཐར་ཕྱིན་བྱས། དེ་ནས་སྤྱི་ལོ་༢༠༠༢ ལོར་རྒྱ་གར་སྐྱབས་བཅོལ་དུ་འབྱོར་ནས་དཔལ་ལྡན་ས་སྐྱའི་མཐོ་རིམ་སློབ་གྲྭར་ཞུགས་ཏེ་སླར་ཡང་གཞུང་ཆེན་ཁག་དང་དེང་དུས་ཀྱི་རིག་གནས་རྣམས་ལ་ལོ་མང་རིང་ཐོས་བསམ་མི་དམན་པར་བྱས་པ་བཞིན་བཀའ་བཅུ་པ་དང་སློབ་དཔོན་གྱི་བསླབ་པ་མཐར་སོན། དེ་ནས་སྤྱི་ལོ་༢༠༡༣ ལོ་ནས་བཟུང་ས་སྐྱ་མཐོ་སློབ་ཀྱི་མཁན་ལས་རྣམ་པའི་བཀའ་བཀོད་ལྟར་སློབ་ཁྲིད་ཀྱི་འགན་བཞེས། ཕྱི་ལོ་༢༠༡༨ ལོར་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་ཞེ་གཉིས་པ་མཆོག་དབུ་བཞུགས་ཐོག་སྐྱབས་མཆོག་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེས་དབུས་དཔལ་ལྡན་ས་སྐྱ་པའི་བླ་ཆེན་མི་ཆེན་མང་པོ་ཞལ་འཛོམས་པའི་དབུས་སུ་བཤད་གྲྭ་འདི་གའི་མཁན་པོར་མངའ་གསོལ་ཞུས། ད་ལྟའི་ཆར་ས་ཆེན་སློབ་གྲྭར་སློབ་སྤྱིའི་ལས་འགན་བཞེས་བཞིན་པའོ།།

jamyangLosal.jpg
སློབ་དགེ་འཇམ་དབྱངས་བློ་གསལ།

སློབ་དགེ་འཇམ་དབྱངས་བློ་གསལ་ནི། ༢༠༡༠ ལོར་ས་སྐྱ་མཐོ་སློབ་དུ་འཛུལ་ཞུགས་གནང་། བཀའ་བཅུ་པ་དང་སློབ་དཔོན་གྱི་སློབ་མཐར་སོན།  ད་ལྟ་མཐོ་སློབ་ཏུ་དགེ་རྒན་གནང་མུས་སོ།།

Norbu.jpg
སྐྱོར་དཔོན་ཐུབ་བསྟན་ནོར་བུ།

སྐྱོར་དཔོན་ཐུབ་བསྟན་ནོར་བུ་ནི། ༢༠༠༧ ལོར་ས་སྐྱ་མཐོ་སློབ་དུ་འཛུལ་ཞུགས་གནང་། བཀའ་བཅུ་པའི་སློབ་མཐར་སོན། ད་ལྟ་མཐོ་སློབ་ཏུ་སྐྱོར་དཔོན་གནང་མུས་སོ།།

sange.jpg
སློབ་དགེ་སངས་རྒྱས་བསྟན་པ།

སློབ་དགེ་སངས་རྒྱས་བསྟན་པ་ནི། ༢༠༡༣ ལོར་ས་སྐྱ་མཐོ་སློབ་ཏུ་འཛུལ་ཞུགས་གནང་། བཀའ་བཅུ་པ་དང་སློབ་དཔོན་གྱི་སློབ་མཐར་སོན། ད་ལྟ་མཐོ་སློབ་ཏུ་དགེ་རྒན་གནང་མུས་སོ།།

gyaltsen.jpg
སློབ་དགེ་འཇམ་དབྱངས་རྒྱལ་མཚན།

སློབ་དགེ་འཇམ་དབྱངས་རྒྱལ་མཚན་ནི། ༢༠༡༤ ལོར་ས་སྐྱ་མཐོ་སློབ་དུ་འཛུལ་ཞུགས་གནང་།་བཀའ་བཅུ་པ་དང་སློབ་དཔོན་གྱི་སློབ་མཐར་སོན། ད་ལྟ་མཐོ་སློབ་ཏུ་དགེ་རྒན་གནང་མུས་སོ།།

Palden.jpg
སྐྱོར་དཔོན་དཔལ་ལྡན་དོན་གྲུབ།

སྐྱོར་དཔོན་དཔལ་ལྡན་དོན་གྲུབ་ནི། ༢༠༡༣ ལོར་ས་སྐྱ་མཐོ་སློབ་ཏུ་འཛུལ་ཞུགས་གནང་། བཀའ་བཅུ་པའི་སློབ་མཐར་སོན། ད་ལྟ་མཐོ་སློབ་ཏུ་སྐྱོར་དཔོན་གནང་མུས་སོ།།

pema.jpg
སྐྱོར་དཔོན་འཇམ་དབྱངས་རྡོ་རྗེ། (ཁ)

སྐྱོར་དཔོན་འཇམ་དབྱངས་རྡོ་རྗེ་(ཁ) ནི། ༢༠༠༩ ལོར་སྐྱ་མཐོ་སློབ་ཏུ་འཛུལ་ཞུགས་གནང་། བཀའ་བཅུ་པ་དང་སློབ་དཔོན་མཐར་སོན། ༢༠༢༢ ལོའི་མཐོ་སློབ་ཀྱི་ལྔ་བཅུ་དུས་དྲན་སྐབས་༧སྐྱབས་མགོན་གོང་མ་ཁྲི་ཆེན་ཞེ་གཅིག་པའི་ཕྱག་ནས་གྲགས་ཆེན་བཅོ་བརྒྱད་ཀྱི་རྩ་བ་ཡོངས་རྫོགས་བློ་འཛིན་ལེགས་གྲུབ་ཀྱི་ཕུལ་བྱུང་གཟེངས་བསྟོད་བཞེས། ད་ལྟ་མཐོ་སློབ་ཏུ་སྐྱོར་དཔོན་གནང་མུས་སོ།།

e.jpg
སྐྱོར་དཔོན་ངག་དབང་ཕུན་ཚོགས།

སྐྱོར་དཔོན་ངག་དབང་ཕུན་ཚོགས་ནི། ༢༠༡༡ ལོར་རྒྱ་གར་དུ་ཕེབས་ནས་ས་སྐྱ་མཐོ་སློབ་ཏུ་འཛུལ་ཞུགས་གནང་། རིམ་བཞིན་གཞུང་ཆེན་བཀའ་པོད་དྲུག་ལ་ཐོས་བསམ་གནང་སྟེ་༢༠༢༣ ལོར་བཀའ་བཅུ་པའི་སློབ་མཐར་སོན་པ་དང་ལོ་གཅིག་རིང་དགེ་བསྐོས་བྱས། དེ་ནས་ལོ་ཁ་ཤས་རིང་མཐོ་སློབ་ཀྱི་ཡན་ལག་ས་ཆེན་སློབ་གྲྭར་དགེ་རྒན་བྱས། ད་ལྟ་མཐོ་སློབ་ཏུ་སྐྱོར་དཔོན་གནང་མུས་སོ།།

Nawang_DhundupA.jpg
སྐྱོར་དཔོན་ངག་དབང་དོན་གྲུབ།

སྐྱོར་དཔོན་ངག་དབང་དོན་གྲུབ་ནི། ༢༠༡༣ ལོར་ས་སྐྱ་མཐོ་སློབ་ཏུ་འཛུལ་ཞུགས་གནང་། བཀའ་བཅུ་པ་དང་སློབ་དཔོན་གྱི་སློབ་མཐར་སོན་ཏེ། ད་ལྟའི་ཆར་མཐོ་སློབ་ཏུ་སྐྱོར་དཔོན་དང་། བརྗོད་གཞི་གཞན་སེལ་ལ་རིག་གཅིག་རྐང་འཛིན་གྱི་ཉམས་ཞིབ་ཡང་གནང་མུས་སོ།།

Tsultrim_namgyalA.jpg
སྐྱོར་དཔོན་ཚུལ་ཁྲིམས་རྣམ་རྒྱལ།

སྐྱོར་དཔོན་ཚུལ་ཁྲིམས་རྣམ་རྒྱལ་ནི། ༢༠༡༣ ལོར་བལ་ཡུལ་ཐར་ལམ་དགོན་ནས་ཆོ་ག་ཕྱག་ལེན་དང་དབྱིན་ཇི་སོགས་འཛིན་གྲྭ་བརྒྱད་པ་ཐར་སོན་ནས་ས་སྐྱ་མཐོ་སློབ་ཏུ་འཛུལ་ཞུགས་གནང་། བཀའ་བཅུ་པ་དང་སློབ་དཔོན་གྱི་སློབ་མཐར་སོན་ནས། ད་ལྟ་མཐོ་སློབ་ཏུ་སྐྱོར་དཔོན་གནང་མུས་སོ།།

Dorji_norbuA.jpg
སྐྱོར་དཔོན་རྡོ་རྗེ་ནོར་བུ།

སྐྱོར་དཔོན་རྡོ་རྗེ་ནོར་བུ་ནི། ༢༠༡༥ ལོར་ས་སྐྱ་མཐོ་སློབ་ཏུ་འཛུལ་ཞུགས་གནང་། བཀའ་བཅུ་པ་དང་སློབ་དཔོན་གྱི་སློབ་མཐར་སོན་ནས། ད་ལྟ་མཐོ་སློབ་ཏུ་སྐྱོར་དཔོན་གནང་མུས་སོ།།

Tenpa_Zangpo.jpg
དགེ་བསྐོས་བསྟན་པ་བཟང་པོ།

དགེ་བསྐོས་བསྟན་པ་བཟང་པོ་ནི། ༢༠༡༤ ལོར་ས་སྐྱ་མཐོ་སློབ་ཏུ་འཛུལ་ཞུགས་བྱས་པ་དང་། བཀའ་བཅུ་པའི་སློབ་མཐར་སོན་ནས་ལོ་གཅིག་རིང་དགེ་བསྐོས་ཀྱི་ཕྱག་ལས་གནང་བཞིན་པའོ།།

tsewang.jpg

དགེ་བསྐོས་ཚེ་དབང་འགྱུར་མེད་ནི། ༢༠༡༥ ལོར་ས་སྐྱ་མཐོ་སློབ་ཏུ་འཛུལ་ཞུགས་བྱས་པ་དང་། བཀའ་བཅུ་པའི་སློབ་མཐར་སོན་ནས་ལོ་གཅིག་རིང་དགེ་བསྐོས་ཀྱི་ཕྱག་ལས་གནང་བཞིན་པའོ།།

དགེ་བསྐོས་ཚེ་དབང་འགྱུར་མེད།
bottom of page