top of page

འགྲོ་ལ་བདེ་སྐྱིད་འབྱུང་བའི་སྒོ་གཅིག་པུ། །ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ། །
ཡུལ་དུས་གནས་སྐབས་ཀུན་ཏུ་མི་ཉམས་པར། །ཕྱོགས་མཐར་དར་ཞིང་རྒྱས་པར་མཛད་དུ་གསོལ། །

ཉེ་ཆར་གྱི་གནས་ཚུལ།

sachen_school.jpg

ས་ཆེན་སློབ་གྲྭ། 

This is your news article. Include the full article, a blog post or a memo with an exciting update regarding your school. Keep it interesting and relevant, and don’t forget to include an engaging photo or video.

golden_jublee.jpg

སྲོལ་རྒྱུན་གྱི་ཤུལ་ནོར།

This is your news article. Include the full article, a blog post or a memo with an exciting update regarding your school. Keep it interesting and relevant, and don’t forget to include an engaging photo or video.

worship.jpg

བསླབ་པ་བསྲུང་བ་འདོད་པ་ཡིས། །རབ་ཏུ་བསྒྲིམས་ནས་སེམས་བསྲུང་སྟེ། །
སེམས་འདི་བསྲུང་བར་མ་བྱས་ན། །བསླབ་པ་བསྲུང་བར་ཡོང་མི་ནུས། །

-རྒྱས་སྲས་ཞི་བ་ལྷས།

གཙུག་ལག་གི་སྤྱི་བཤད།

གནས་རིམ་ཀུན་ལ་ཡོན་ཏན།

ས་སྐྱ་མཐོ་སློབ། - སྙིང་རྗེས་ཀུན་ནས་བླངས་ཤིང་ཤེས་རབ་ཡོངས་སུ་སྤྱོད་དེ་རྒྱལ་བའི་རིང་ལུགས་འཛིན་པ།

ས་སྐྱ་མཐོ་སློབ་ནི་མི་ལོ་བརྒྱ་ཕྲག་འདས་པའི་རིག་གནས་དང་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ནང་པ་སངས་རྒྱས་པའི་བསྟན་པའི་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་རླབས་པོ་ཆེ་ལ་བརྩོན་བཞིན་པའི་སློབ་གཉེར་གྱི་ལྟེ་གནས་ཀུན་གྱིས་བཀུར་བར་འོས་པ་ཞིག་གི་ངོ་བོར་གནས་ཡོད། དེ་ཡང་། གཞི་རྩའི་ཡང་དག་པའི་ཤེས་རབ་དང་ཐབས་སྙིང་རྗེ་ཆེན་པོའི་རྩ་འཛིན་འོག་མཐོ་སློབ་འདིས་ཟབ་པ་དང་རྒྱ་ཆེ་བའི་ནང་པའི་ལྟ་གྲུབ་དང་ཉམས་ལེན་ལ་སྒེར་སོ་སོས་འཆད་རྩོད་རྩོམ་གསུམ་གྱིས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་འཇུག་ཅིང་། གནས་མཆོག་འདིའི་རྭ་བའི་ནང་བྱམས་བརྩེའི་གཅེས་སྐྱོང་འོག འདོད་ནས་རིན་ཐང་བྲལ་བའི་མཉམ་མེད་བུ་རམ་ཤིང་པའི་ལུང་རྟོགས་ཀྱི་ཆོས་ཀྱིས་སློབ་གཉེར་བ་རྣམས་ལ་རང་རེའི་མི་ཚེའི་མདུན་ལམ་ཆོས་ཀྱི་ཕྱོགས་སུ་ཁ་ལོ་སྒྱུར་ནས་བགོམ་པ་རིམ་བགྲོས་ཀྱི་ཤུགས་རྐྱེན་འབྱིན་བཞིན་ཡོད།

academic.jpg

ཐབས་ལམ་རྩེ་ཕུད་ངོམ་པ།

ས་སྐྱ་མཐོ་སློབ་ཀྱིས་སྤོབས་པས་ངོམ་སོ་སྐྱེད་ཆོག་པ་ནི་མཐོ་སློབ་འདིའི་སློབ་ཁྲིད་ལས་བྱེད་པ་རྣམས་གཞི་རྩའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལ་བྱང་པ་ཆེ་བའི་མཁས་གྲུབ་གཉིས་ལྡན་གྱི་མཁས་དབང་ཁོ་ན་ཡིན་ཞིང་། འདི་ལྟའི་མཁས་རྩལ་དང་ཉམས་མྱོང་གི་འབྱོར་བས་གནའ་བོའི་སྲོལ་རྒྱུན་རིག་གནས་དང་དེང་གི་གཙུག་ལག་ཉམས་ཞིབ་ཐབས་ལམ་གཉིས་ཟུང་འབྲེལ་གྱི་སྒོ་ནས་ལམ་སྟོན་ཡང་དག་པར་གནང་བ་ལགས་སོ།།

acdemics 2.jpg
bottom of page